health update

འཕྲོད་བསྟེན་སྨན་ཁང་དུ་བྱོན་པར་ལེགས།

ཁྱེད་ཉིད་ལ་ང་ཚོ་ནས་རེ་བ་ག་རེ་ཡོད། ཁྱེད་ཀྱི་ཐོབ་ཐང་།

སླེབས་ཐབས། ཁྱེད་ཀྱི་འཕྲོད་བསྟེན་ལྟ་སྐྱོང་གི་དགོས་མཁོ་རྣམས་སྨན་ཁང་ནས་ཚུར་ལེན་ཐབས་ཡོད།

སྲུང་སྐྱོང་། འཇོན་ཐང་དང་། ལག་རྩལ་པ། ཆེད་ལས་པ་བཅས་ཀྱིས། ཁྱེད་ལ་ཚད་མཐོན་པོ་ངང་ནས་ཉེན་ཁ་མེད་པའི་ཐོག་ནས་འཕྲོད་བསྟེན་ཞབས་ཞུ་ཞུ་བའི་རེ་བ་བྱེད་ཆོག

གུས་ཞབས། ཁྱེད་ཀྱི་རིག་གཞུང་དང་། ཡིད་ཆེས། རིན་ཐང་། ཁྱད་ཆོས། ཕོ་མོ། ཕོ་མོའི་མཚན་མའི་རྒྱུས་སྟོན། ཕྱིའི་རྣམ་པ། ངོ་བོ་བཅས་འཕྲོད་བསྟེན་ལྟ་སྐྱོང་པས་ཁྱེད་ལ་གུས་ཞབས་བྱེད་ངེས་རེད། སྨན་ཁང་དུ་ཁྱེད་ལ་རོགས་རམ་བྱེད་མཁན་་གྲོགས་པོའམ་ནང་མི་གང་རུང་ཁྲིད་འོང་ན་ཆོག

འབྲེལ་ལམ། ཁྱེད་ཀྱི་འཕྲོད་བསྟེན་ལྟ་སྐྱོང་པའི་གོ་རྟོགས་ཀྱི་ཞབས་ཞུ་བའི་གནས་ཚུལ། ཞབས་ཞུའི་འཆར་གཞི།་སྨན་བཅོས་ཀྱི་འདམ་ཀ རིན་པའི་སྐོར། འབྲེལ་ལམ་རན་པོ། དུས་ཚོད་བཅས་སྦས་གསང་མེད་པའི་ཐོག་ནས་ཁྱེད་ཀྱི་རེ་བ་བྱེད་ཆོག གལ་ཏེ་ཁྱེད་ལ་སྐད་སྒྱུར་དགོས་ཚེ་ལེན་ཆོག

མཉམ་ཞུགས། ཁྱེད་ཀྱི་ལྟ་སྐྱོང་། འཕྲོད་བསྟེན་ཞབས་ཞུའི་འཆར་གཞིའི་འདམ་ཀ་དང་། ཐག་གཅོད་རྣམས་སུ་མཉམ་ཞུགས་བྱེད་ཆོག

ང་ཚོས་ཁྱེད་ཀྱི་སར་ནས་རེ་བ་ག་རེ་ཡོད། ཁྱེད་ཀྱི་ལས་འགན།

གུས་ཞབས། ང་ཚོའི་སྨན་ཁང་ནང་ལ་སྤྱི་ཚོགས་ཀྱི་གོ་གནས། ཕོ་མོའི་ངོ་བོ། མི་རིགས། ཕོ་མོའི་མཚན་མའི་རྒྱུས་སྟོན། ཆོས་ལུགས། ཆབ་སྲིད་ཀྱི་ལྟ་བ། སེམས་ཁམས་མི་བདེའམ་ནད་པ་བཅས་ལ་མ་བལྟས་པའི་མི་དེ་དག་དང་དངོས་པོར་གུས་བརྩི་ཞུ་དགོས་པར་གལ་ཆེ།

འབྲེལ་ལམ། ང་ཚོར་གནས་ཚུལ་ངོ་མ་སྤྲད་ན། ཁྱེད་ལ་ང་ཚོས་རོགས་པ་བྱེད་ཐུབ། དུས་ཐོག་ཏུ་འོང་མ་ཐུབ་ཚེ་ཁྱེད་ཀྱིས་ང་ཚོར་ཆུ་ཚོད་ཉེར་བཞིའི་གོང་ནས་བརྗོད་རོགས་ཞུས།

གསང་བ། ང་ཚོས་རེ་སྐུལ་ཞུ་རྒྱུར་ཁྱེད་ཀྱིས་མི་གཞན་གྱི་གསང་བའི་གནས་ཚུལ་ལ་གུས་ཞབས་བྱེད་དགོས། ནང་ཁུལ་གྱིས་གསང་བའི་གྲོས་མོལ་ཕྱིར་སྒྲོག་མ་བྱེད་རོགས།

ཉེན་ཟློག ང་ཚོའི་རེ་བ་ལ་ཁྱེད་ང་ཚོའི་སར་འོང་པའི་སྐབས་སམ། ང་ཚོའི་ལས་བྱེད་དང་མཉམ་དུ་ཡོད་སྐབས།

ཁྱེད་ཀྱི་བྱེད་སྟངས་དེ་དག་གིས་ཁྱེད་དང་གཞན་ལ་ཉེད་ཁ་མེད་པ་བྱེད་དགོས།

ཁྱེད་རང་བྱོན་པར་ལེགས།

ཁྱེད་ཀྱིས་སྐད་སྒྱུར་ལེན་ན་འགྲིག

ཁྱེད་ལ་སྐད་སྒྱུར་དགོས་ཚེ་ཨང་གྲངས་འདིར་ ༡༣༡ ༤༥༠ རིན་མེད་ཐོག་ལེན་ཆོག་པའམ་ཁྱེད་ཀྱིས་ཁོང་ཚོར་རེ་སྐུལ

Collingwood, Fitzroy, Melbourne CBD – 9448 5528

Kensington, North Melbourne, Niddrie – 9448 5520

Footscray, Braybrook, Werribee, Melton – 9448 5502

སེམས་ཁམས་སྐོར་གྱི་དྲི་བ་ཡོད་ཚེ་ཨང་གྲངས་(༩༤༤༨ ༦༣༡༤)འདི་ནས་འབྲེལ་བ་གནང་རོགས།

ཞུ་གཏུག་བེད་སྤྱོད་བྱེད་ཆོག

འཕྲོད་བསྟེན་སྨན་ཁང་ལ་ཡོང་སྐབས་ཁྱེད་རང་གི་ནང་མིའམ་གྲོགས་པོ་གང་རུང་འཁྲིད་ཡོང་ན་འགྲིག ཁྱེད་ཀྱི་གཞུང་འབྲེལ་ལས་རོགས་ནས་ཕྱག་རོགས་ཞུ་ན་འགྲིག ཡང་ན་ཁྱེད་རང་ཉིད་ནས་ང་ཚོར་ཐད་ཀ་སྐད་ཆ་བཤད་ན་འགྲིག

འཕྲོད་བསྟེན་ཞུ་གཏུག་འགན་འཛིན་གྱི་ཨང་གྲངས།

༡༣༠༠ ༥༨༢ ༡༡༣

སེམས་ཁམས་ཀྱི་འཕྲོད་བསྟེན་ཞུ་གཏུག་འགན་འཛིན་གྱི་ཨང་གྲངས།

༡༨༠༠ ༢༤༦ ༠༥༤

དབང་པོ་སྐྱོན་ཅན་གྱི་ཞབས་ཞུའི་འགན་འཛིན་གྱི་ཨང་གྲངས།

༡༨༠༠ ༦༧༧ ༣༤༢

ཝའི་ཀི་ཐྲོའོ་རི་ཡན་འགྲོ་བ་མིའི་ཐོབ་ཐང་དང་། གོ་སྐབས། འདྲ་མཉམ་འགན་འཛིན།

༡༣༠༠ ༢༩༢་ ༡༥༣

Background branding image of roads representing community